Skip to main content

A1 Language Level Tracker(Can do tracker)



Organization: Sarah

Course Description

A language level tracker based on CEFR (Common European Framework of Reference for Languages) "Can Do" statements is an effective tool to monitor and assess language proficiency. The CEFR framework defines six levels (A1, A2, B1, B2, C1, C2), describing abilities in listening, reading, writing, and speaking. Students can use these "Can Do" statements to evaluate their skills and track progress. Learners must check and submit each statement only if they are confident they can perform the task described. Honesty is crucial when self-assessing, as overestimating abilities can hinder learning and result in misplaced levels. Once students have achieved 80% of the "Can Do" statements for a level, they can request a formal level test by email. This tracker encourages accountability, fosters motivation, and ensures a structured learning process, aligning progress with global language standards and enabling clear, measurable language development.

Course Overview

About Tibetan Language Level Tracker

སྐད་ཡིག་གི་གནས་ཚད་ཇི་ཙམ་ཡོད་མེད་བརྟག་དཔྱད་བྱེད་སྟངས་འདི་ནི་ཡུ་རོབ་སྤྱི་མཐུན་གྱི་སྐད་ཡིག་ཚད་འཇལ་བྱེད་སྟངས་ (CEFR) ཀྱི་"བྱེད་ནུས་གསལ་བྱེད་"ཟེར་བའི་ཚད་གཞི་དེར་གཞི་བཅོལ་ཡོད། འདི་ནི་སྐད་ཡིག་གི་གནས་ཚད་ཡར་རྒྱས་ཕྱིན་ཡོད་མེད་བལྟ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད། སྐད་ཡིག་གནས་ཚད་ཀྱི་རིམ་པ་དྲུག་ཡོད་པ་སྟེ། A1, A2, B1, B2, C1, C2 བཅས་ཡིན། དེའི་ནང་སྐད་ཆ་ཉན་རྒྱུ་དང་། ཀློག་རྒྱུ། འབྲི་རྒྱུ། བཤད་རྒྱུ་བཅས་ཀྱི་ནུས་པ་ག་ཚོད་ཡོད་མེད་བལྟ་ཡི་ཡོད། སློབ་ཕྲུག་ཚོས་"བྱེད་ནུས་གསལ་བྱེད་"ཟེར་བའི་ཚད་གཞི་དེ་བེད་སྤྱོད་བཏང་ནས་རང་གི་སྐད་ཡིག་གི་གནས་ཚད་ཡར་རྒྱས་ཕྱིན་ཡོད་མེད་བལྟ་ཐུབ་ཀྱི་ཡོད།

སློབ་མ་ཚོས་འདིའི་ནང་བཀོད་པའི་བྱེད་ནུས་གསལ་བྱེད་དམ་ལས་ཀ་དེ་ཚོ་བྱེད་ཐུབ་པའི་གདེང་ཚོད་ཡོད་ན་མ་གཏོགས་ཚད་གཞི་སོ་སོའི་ཐོག་རྟགས་རྒྱག་དགོས་ཀྱི་མེད། རང་གི་སྐད་ཡིག་གི་གནས་ཚད་ཚོད་དཔག་བྱེད་དུས་དྲང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། རང་གི་ནུས་པ་མཐོ་དྲགས་པ་བྱས་ན་སློབ་སྦྱོང་ལ་གནོད་སྐྱོན་ཡོང་གི་ཡོད་པ་མ་ཟད། གནས་ཚད་ཡང་རན་པོ་ཞིག་ཡོང་གི་མ་རེད། སློབ་ཕྲུག་ཚོས་རིམ་པ་རེ་རེའི་ནང་"བྱེད་ནུས་གསལ་བྱེད"ཟེར་བའི་ཚད་གཞིའི་བརྒྱ་ཆ་ ༨༠ ལོན་ཚར་དུས། གློག་འཕྲིན་བརྒྱུད་འབྲེལ་བ་བྱས་ནས་ཚོད་རྒྱུགས་སམ་ཡིག་རྩལ་བཏང་ཆོག་གི་ཡོད།

ཚད་གཞི་འདིས་སློབ་ཕྲུག་ཚོར་འགན་ཁུར་ལེན་རྒྱུ་དང་། སེམས་ཤུགས་སྤར་རྒྱུ། དེ་བཞིན་འཆར་གཞི་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུའི་ཐབས་ལམ་སྟོན་གྱི་ཡོད། དེ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་སྐད་ཡིག་གི་ཚད་གཞི་དང་མཐུན་པའི་ཡར་རྒྱས་དང་། ཚད་འཇལ་ཐུབ་པའི་སྐད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Instructors

  • རིན་ཆེན་སྒྲོལ་མ།

    རིན་ཆེན་སྒྲོལ་མ།

    ས་རཱ་མཐོ་སློབ་

    མིང་། : རིན་ཆེན་སྒྲོལ་མ། ས་རཱ་མཐོ་སློབ་ཏུ་བསླབ་པ་མཐར་སོན་པ། ས་རཱ་མཐོ་སློབ་ཏུ་གཞོན་ནུ་རུས་ཁག་གི་རྩིས་པ་བྱས་མྱོང་ཡོད་ལ། ལོ་བཞིའི་རིང་རིག་གནས་རབ་བྱམས་པ་སློབ་སྦྱོང་བྱེད་པ་ཡིན། དེ་ནས་ཟླ་བ་དྲུག་གི་རིང་གློག་ཀླད་སྦྱོང་བའི་ཉམས་མྱོང་ཡོད། དེ་ཙམ་མ་ཡིན་པར་ནང་བསྟན་སྲི་ཞུ་ཁང་དུ་དྲྭ་ཐོག་རྒྱུད་ནས་ལོ་བཞིའི་རིང་དགེ་རྒན་བྱེད་པའི་ཉམས་མྱོང་ཡོད་ལ་ད་ལྟ་ཡིན་ནའང་། བྱེད་བཞིན་ཡོད། ཟླ་བ་དྲུག་གི་རིང་གློག་ཀླད་སྦྱོང་། ཕྱི་ལོ་༢༠༡༧་ནས་༢༠༡༨་བར་ས་རཱ་གཞོན་ནུ་རུ་ཁག་ཏུ་རྩིས་པ་བྱེད་མྱོང་ཡོད། ལོ་བཞི་རིང་ནང་བསྟན་སྲི་ཞུ་ཁང་དུ་བོད་ཡིག་གི་དགེ་རྒན་བྱེད་མྱོང་ཡོད་པ་དང་། སྦྱོང་བརྡར་ཡོད་པ། འཛིན་རིམ་བཅུ་གཉིས་བར་དུ་སྦྱོང་ཡོད་པ། ས་རཱ་མཐོ་སློབ་ཏུ་བོད་ཡིག་ལོ་བཞིའི་རིང་རིག་གནས་རབ་འབྱམས་པ་སྦྱངས་ནས་བསླབ་པ་མཐར་སོན་པ།

  • ཀུན་དགའ་ཆོས་དབྱངས།

    ཀུན་དགའ་ཆོས་དབྱངས།

    ས་རཱ་མཐོ་སློབ་

    གུས་མོ་ཀུན་དགའ་ཆོས་དབྱངས། སྤྱི་ལོ་༡༩༩༩ ལོར་སྐྱེས། གཞི་རིམ་སྤུ་ཝ་ལ་དང་འབྲིང་རིམ་སམ་བྷོ་ཊ་སྤོན་ཊ་གཏན་སློབ་ནས་འགྲིམས་ཤིང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ལོ་བཞིའི་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་ ༢༠༢༢ ལོར་རིག་གནས་རབ་འབྱམས་པ་སློབ་མཐར་ཕྱིན་པའི་རྗེས། ཞ་ལུ་དགོན་པར་ལོ་གཅིག་གི་རིང་ལ་ཞུ་དག་གི་ལས་ཀ་བྱས། དེ་རྗེས་དྲ་ཐོག་ཏུ་སྐད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་ཀྱིས་བོད་པའི་སློབ་ཕྲུག་ཚོར་ལོ་གཅིག་དང་ཕྱེད་ལ་སློབ་ཁྲིད་བྱས་པ་མ་ཟད། ད་དུང་སློབ་ཁྲིད་བྱེད་མུས་བཅས་སོ། །

Enroll